華文網

故事 | 阿古頓巴《神聖的判決》

མཆོག་ཏུ་འགྱུར་པའི་དཔྱད་མཚམས།

神聖的判決

朗讀:紮西多加

དགོང་མོ། ཉི་མ་ནུབ་ལ། ཐང་ཆད་ཀྱི་འདབ་ཆགས་ཚང་དུ་ལོག ནམ་རྒྱུན་རི་བྱེར་ལུང་བྱེར་བྱས་པའི་ཨ་ཁུ་སྟོན་པ། དེ་རིང་ཡང་གང་དུ་སོང་ཡོད་་མི་ཤེས། ད་གཟོད་ཕྱིར་ལོག

傍晚,夕陽西下,倦鳥歸巢。

經常在外東奔西走的阿古頓巴,今天又不知去了哪兒,這工夫才回來。

གྲོང་ནང་དུ་འཛུལ་མ་ཐག་ཏུ། གྲོང་མི་བཀྲ་ཤིས་དོན་འགྲུབ་ཀྱི་སྒོ་ཁ་རུ་མི་མང་པོ་འཛོམས་པ་མཐོང་། སྐད་འུར་སྒྲ་འུར་ཆེ་ལ་ཤིན་ཏུ་ཁྲོ་བའི་རྣམ་པ་ཤར། སྐབས་འདིར། ཁ་གཏད་ནས་བྱིས་པ་ཞིག་ཡོང་བ། བྱིས་པ་དེ་ག་ནས། ཨ་ཁ་སྟོན་པའི་དོན་འདིའི་མགོ་མཇུག་ཤེས། གཏམ་དེར་བལྟས་ན། གྲོང་པ་ཡི་འགོ་པས་ཡང་བཀྲ་ཤིས་དོན་འགྲུབ་ཐུབ་ཚོད་བྱས་པ་ཡིན།

剛進村,就見牧民紮西頓珠的門口圍著一堆人,吵吵嚷嚷,憤憤不平。這時,迎面走來一個孩子,從他那裡,阿古頓巴打聽到:原來,村子裡的頭人又在欺負紮西頓珠了。

དོན་ནི་འདི་ལྟར་ཏེ།

事情是這樣的:

བཀྲ་ཤིས་དོན་འགྲུབ་དེ་རིང་ཕྱུགས་འཚོལ་ནས་ལོག་ཏེ། གངས་མཚོ་མོ་ནས་བརྒྱུད་པའི་སྐབས་སུ། ལམ་བུའི་འགྲམ་གྱི་སྡོམ་དུམ་གྱི་འོག་ཏུ། གཙུག་གཡུ་ཞིག་རྙེད། དོན་འདི་ཅི་ཡིན་མི་ཤེས་ཏེ་ཧམ་པ་ཆེ་ལ། མི་སེར་ལ་བརྙས་བཅོས་བྱས་མཁས་པའི་འགོ་པ་སྟེ་ཕྱུགས་བདག་ཆེ་པའི་ཤེས་སོང་། བཀྲ་ཤིས་དོན་འགྲུབ་ཀྱི་གོམ་པ་སྔོན་མ་ཁྱིམ་ལ་སྤོས་ཏེ། གོམ་པ་རྗེས་མ་ད་དུང་སྤོ་མེད་པའི་སྐབས་ལ། འགོ་པ་ངར་ངར་རྒོད་རྒོད་ཀྱིས་རྒྱུག་ནས་ཡོང་། ངོ་ཐུག་མ་ཐག་ཏུ། སྐད་ཆ་གཞན་ཅི་ཡང་མི་བཤད་དེ། ཐད་ཀར་དུ།

紮西頓珠今天放牧歸來,路過措姆崗(山名)時,在山道旁的一棵樹樁下,拾到一塊松耳石。這件事,不知怎的,被那位貪財昧心、慣于欺壓百姓的頭人兼大牧主知道了。

當紮西頓珠剛把右腳邁進家門,左腳還沒有來得及跟上的時候,他就氣勢洶洶地沖了進來,一見面,二話沒說,當頭一句就是:

མ་རབས་ཁྱོད། དེ་ཚུར་ཁུར་ཤོག་ཅེས་བཤད།

“把它給我,畜生!”

སྐད་ཆ་འདིའི་ནང་དུ་བཀའ་ཁྲིམས་ཕར་ཕུད་ན། འཕྱ་སྨོད་མ་གཏོགས་མེད། བཀྲ་ཤིས་དོན་འགྲུབ་ཀྱིས་ཅི་ཡིན་མི་ཤེས་པའི་སྐབས་ལ། མི་ངན་འདིའི་ཁུ་ཚུར་གྱིས་བཀྲ་ཤིས་དོན་འགྲུབ་ཀྱིས་བྲང་ཁོག་ལ་གཅིག་རྒྱག་ནས། ངུ་སྐད་འདྲའི་བཀྲ་ཤིས་དོན་འགྲུབ་ལ།

這句話裡除了命令,就是辱駡。紮西頓珠還沒弄明白怎麼回事,這個惡棍又飛來一拳打在紮西頓珠的胸脯上,接著狼嗥般地嚷道:

མགྱོགས་མྱུར་གྱིས་གཙུག་གཡུ་ང་ལ་ཚུར་སྤྲོད་ཤོག། ཅེས་འབོད།

“快把松耳石給我,快給我!”

སྐབས་འདིར། བཀྲ་ཤིས་དོན་འགྲུབ་ཀྱིས་ད་གཟོད་ཤེས། གཏམ་དེར་བལྟས་ན་ཁོར་དགོས་པ་ནི་གཡུ་འདི་ཡིན། བཀྲ་ཤེས་དོན་འགྲུབ་ཀྱིས་རང་གིས་རྙེད་པའི་རྒྱུ་དངོས་གཞན་ལ་སྤྲོད་སྙིང་ག་ན་འདོད། དེ་བས་འདི་ལྟར་བཤད།

這下,紮西頓珠才明白過來了,原來他要的是這個。

紮西頓珠當然不願意把自己撿的東西給他,就說:

དཔོན་པོ་ལགས། གཙུག་གཡུ་འདི་ངས་རི་མགོ་ནས་རྙེད་བྱུང་། ཁྱོད་ཀྱིས་རྒྱུ་དངོས་མ་རེད། ཅིའི་ཕྱིར་ཁྱོད་ལ་སྤྲོད་དགོས།

“老爺,這松耳石是我從山上撿來的呀!不是您的,為什麼要給您?”

ཡ། ངས་ཁྱོད་ལ་འདྲི། ཁྱོད་ཀྱིས་རི་གང་གིས་ཐོག་ནས་རྙེད་བྱུང་།

“好,我問你,你是在哪個山上撿來的?”

རི་མཚོ་མོ།

“措姆山。”

དེ་ན་འགྲིག་སོང་ཨ། རི་མཚོ་མོ་ངའི་རི་ཡིན། རི་འདིའི་ཐོག་གི་དངོས་པོ་ཚང་མ་ངའི་རྒྱུ་ནོར་ཡིན། གཙུག་གཡུ་འདི་ཡང་ངའི་རྒྱུ་ནོར་མ་ཡིན་ནམ།

“這就得了,措姆山是我的山,這山上的一草一木都是我家的,難道這松耳石還能不歸我?”

གཙུག་གཡུ་འདི་ཁྱོད་ཀྱིས་རི་ནས་སྐྱེ་པ་ཡང་མ་ཡིན།

“這松耳石又不是您山上長的……”

ཁ་རྩུམ། གང་འདྲ་བཤད་ནའང་། ངའི་རི་ཐོག་ནས་རྙེད་པ་ཡིན་ན། ངའི་རྒྱུ་ནོར་རེད།

“住嘴!不管怎樣,既然是在我山上撿的,就得歸我!”

ཨ་ཁུ་སྟོན་པ་ཕར་འགྲོ་བའི་སྐབས་སུ། ཁོ་གཉིས་ད་དུང་ཨུ་ཚུགས་ཀྱིས་འུར་སྒྲ་རྒྱག་བཞིན་ཡོད། མི་རྣམས་ཀྱིས་ཁོ་ཡོང་བ་མཐོང་དུས། སེམས་ནང་དུ་དོན་འདི་ལུགས་མཐུན་གྱི་ཐག་གཅོད་ཅིག་ཡོད་རྒྱུ་རེད་བསམ།

當阿古頓巴走過去的時候,他們還在爭執不休哩!人們見他來了,

心想這事該會得到合理的解決了吧。

རྩོད་པ་བྱས་མཁན་ཕྱོགས་གཉིས་ཀྱིས་ཨ་ཁུ་སྟོན་པར་གནས་ལུགས་བཤད་བསམ་དུས། ཨ་ཁུ་སྟོན་པའི་ལག་པ་གཡུགས་ཙམ་བྱས་ནས།

當爭執的雙方都要找阿古頓巴說理時,阿古頓巴把手一揮道:

དོན་འདིའི་མགོ་འཇུག་ཚང་མ་ངས་ཤེས་བྱུང་། ང་རི་མཚོ་མོའི་ལམ་བུ་ནས་བརྒྱུད་པའི་སྐབས་སུ། གནས་དེའི་གཞི་བདག་གིས་ཕྲན་ལ་དོན་འདི་བརྒྱུད་བཤད་བྱས་བྱུང་། ལྷན་དུ་ཁྱོད་གཉིས་ལ། གལ་ཏེ་ཁྱོད་གཉིས་རྩོད་པ་བརྒྱུད་མེད་བྱས་ན། ཁོང་གིས་མདུན་དུ་ཤོག་དང་། ཁོས་མཆོག་འགྱུར་གྱིས་དཔྱད་མཚམས་བྱེད་ཡོང་ཟེར་རོ།།

“事情我已經全部知道了。當我從措姆山路過時,那裡的山神已經都轉告我了,並叫我轉告你們兩位,如果你們實在爭執不下,就請到他那裡去,他會作出神聖的判決。”

ཕྱུགས་བདག་གིས་ཤོག་ཟེར་མཁན་གཞི་བདག་ཡིན་པ་ཐོས་རྗེས། སེམས་ནང་དཔྱད་མཚམས་་འདི་རང་ལ་ཕན་དྲན། བཀྲ་ཤིས་ཕུན་ཚོགས་ཀྱིས་སེམས་སུ། ཨ་ཁུ་སྟོན་པ་གནས་འདིར་ཡོད་ན། ཁོ་གྱོང་མི་རག་པ་གཏན་ཁེལ་ཡིན་ཞེས་པ་སྙམ། དེ་བས། ཕྱོགས་གཉིས་ཀར་འགྲོ་མོས་པ་མ་ཟད། ད་དུང་དཔྱད་མཚམས་ལ་ཉན་མོས་པའི་དམ་བཅའ།

牧主一聽是自己的山神叫去的,那他的判決一定對 自己有利。紮西頓珠心想:只要阿古頓巴在場,

一定不會吃虧。因此,雙方都表示願意去,而且表示一定服從判決。

དེ་བས་རྐྱེན་གྱིས། ཁོང་ཚོ་གསུམ་རི་གསེབ་ཏུ་ཡོང་། རྗེས་ལ་ལྟད་མོ་ལྟ་མཁན་མང་པོ་འདུས།

於是,他們三人來到山坳間,後面還跟著許多看熱鬧的人。

ཨ་ཁུ་སྟོན་པའི་བརྗིད་ཉམས་དད་གུས་ཆེན་པའི་རྣམ་པ་ཞིག་འཁྲབ་སྟེ། རྩོད་པ་བྱེད་མཁན་ཕྱོགས་གཉིས་རི་བོར་ཁ་གཏད་པུས་མོ་བཙུགས་ཏུ་བཅུག་སྟེ། རྗེས་སུ་འདུས་པའི་མི་རྣམས་ལ་ལག་པ་གཡུགས་གཡུགས་བྱས་ནས།

阿古頓巴擺出一副威嚴虔誠的姿態,要求爭執雙方面山而跪,並向後邊的人群揮了揮手說道:

ལྷིང་འཇགས་བྱས་རོགས་ཨ། ད་ངས་གཞི་བདག་ལ་བློ་འདྲི་རྒྱུ་ཡིན། གཞི་བདག་ལ་མཆོག་འགྱུར་གྱི་ཁྲིམས་བཅད་བྱས་པའི་རེ་འདུན་རྒྱུ་ཡིན། ཞེས་བཤད།

“肅靜!我現在開始祈問山神,請求山神作出神聖的判決。”

གཙུག་གཡུ་འདི་ཕྱུགས་བདག་གིས་རྒྱུ་ཡིན་ནམ། འབྲོག་པ་བཀྲ་ཤིས་དོན་འགྲུབ་ཀྱིས་རྒྱུ་ཡིན། ཞེས་སྐད་ཆ་འདི་འདྲི་བའི་སྐབས་སུ། ཁོས་རྐང་ཚུགས་ཀྱིས་སྐད་ཆ་སྔོན་མའི་སྒྲ་ཞན་ཙམ་བྱས། སྐད་ཆ་རྗེས་མ་བཤད་བའི་སྐབས་སུ། སྒྲ་གདངས་ཆེན་པོ་བྱས། དེ་བས། ཁོས་སྐད་ཆ་བཤད་མ་ཐག་ཏུ། རིའི་གསེབ་ཀྱི་གཏམ་ལན་ཧ་ཅང་གསལ་པའི་ཚུར་གྲགས་སྟེ། མི་རྣམས་ཀྱིས།

“這松耳石歸牧主所有?還是應歸牧民紮西頓珠所有?”問這句話時,他故意把前半句的聲音壓低些,

而說到後半句時,又故意把嗓音提得高高的。因此,當他的問話剛一落音,山裡的回音就非常清楚地傳送過來,人們只聽得:

འབྲོག་པ་བཀྲ་ཤིས་དོན་འགྲུབ་ཀྱི་རྒྱུ་ཡིན། ཞེས་མ་གཏོགས་ཐོས་མི་ཐུབ།

“還是應歸牧民紮西頓珠所有!”

ཨ་ཁུ་སྟོན་པའི་གཟབ་ནན་གྱིས་དོན་འདི་ཐག་བཅད་པའི་ཆེད་དུ། མུ་མཐུད་དུ་དྲི་བ་ཐེངས་གསུམ་དྲིས། ཐེངས་གསུམ་ཀའི་ལན་ཚང་མ་ནི། འབྲོག་པ་བཀྲ་ཤིས་དོན་འགྲུབ་ཀྱི་རྒྱུ་ནོར་ཡིན་ཞེས་གྲགས།

阿古頓巴為了慎重起見,一連問了三次,而三次的回答都是:“應歸牧民紮西頓珠所有!”

འགོ་པ་གཞི་བདག་གིས་མཆོག་འགྱུར་གྱིས་དཔྱད་མཚམས་འདིའི་འོག་ཏུ། མགོ་བོ་སྒྲུར་སྒྲུར་བྱས་ནས་ཕམ་ཁ་འཁུར་ཏེ། བཤད་རྒྱུ་ཅི་ཡང་མེད་པ་འགྱུར་རོ།། མཐའ་མ། ཁོ་མགོ་བོ་སྒུར་སྒུར་བྱས་ནས། ཧ་ཅང་ཆེ་བའི་སྟོད་ཕྱག་གིས་ས་རྡུལ་རྡུལ་ཙམ་བྱས་ནས། རང་གིས་བསྡད་ཡུལ་གྱིས་ཕྱོགས་སུ། ཐབས་ཟད་འུ་ཐུག་ངང་སོང་།

牧主在這山神的”神聖判決”面前,只得低頭認輸,啞口無言。最後,只見他弓起身子,用那肥大的衣袖,撣了撣膝上的塵土,向著自己的住處,狼狽而去。

責編:馬強 編輯:劉瑤琴

責編:馬強 編輯:劉瑤琴