華文網

故事丨阿古頓巴和大商人

ཨ་ཁུ་སྟོན་པ་དང་ཚོང་པ་ཆེན་པོ།

ཉིན་ཞིག་ལ། མཉམ་འཛོམ་སྤྲོ་ཚོགས་ཤིག་གི་ཐོག་ཏུ་ཨ་ཁུ་སྟོན་པ་དང་ཚོང་པ་ཆེན་པོ་གཉིས་དེ་གར་ཐུག ཚོང་པས་རང་བློ་གྲོས་དང་འཇོན་ཐང་གིས་ཉོ་ཚོང་འདི་ལྟར་ཆེན་མོ་གྲུབ་ཐུབ་པས་རང་རློམ་ཆེན་པོ་ལྡན། ཁོས་སྔར་ནས་ཨ་ཁུ་སྟོན་པ་མི་སྤྱང་གྲུང་འཛོམས་པོ་ཞིག་ཡིན་པ་ཐོས་པས་ཁོ་དང་གཅིག་གཏུག་ནས་རང་གི་ནུས་པ་ངོམ་བསམ། དེ་བས་ཁོས་ཨ་ཁུ་སྟོན་པར། ངས་སྔར་ནས་ཁྱོད་བསམ་ངན་གཡོ་འཕྲུལ་ཅན་གྱི་མི་ཞིག་ཡིན་པ་གོ་བྱུང་། རེད་དེ་ཁྱོད་ཀྱིས་དེ་རིང་ང་མགོ་སྐོར་མི་ཐུབ་པ་ཏན་ཏན་ཡིན་ཞེས་བཤད། ད་དེ་རིང་ངས་ངོ་མ་ཁྱོད་རང་མགོ་སྐོར་ཐུབ་ས་མ་རེད། ངས་ཀུན་མཁྱེན་རྡོ་བུ་དེ་ཆུའི་ཕར་ངོགས་ལ་ལྷག་སོང་།ཞེས་ཨ་ཁུ་སྟོན་པས་ལན་འདི་ལྟར་སྤྲོད། ཚོང་པ་ཆེན་པོའི་ཐོས་རྗེས་བསམ་བློ་ཅུང་ཙམ་གཏོང་ནས་འདི་ལྟར་དྲིས། ཁྱོད་ལ་རྡོ་བུ་དེ་ཡོད་ན་ང་མགོ་སྐོར་ཐུབ་ངེས་ཡིན་ནམ། ཨ་ཁུ་སྟོན་པས་ལན་འབུལ་ཏེ། དེ་བཤད་ཅི་དགོས།

有一天,阿古頓巴在聚會上碰到一個大商人。商人自負因為才智才能把生意做大。他早就聽聞阿古額巴機智過人便想會會他以顯示自己的才智。他對阿古頓巴說:“我聽說你是個詭計多端的人,

我就不相信今天你能騙我。”“今天騙不了您,因為我的小靈石放在河對岸了。”阿古頓巴回答說。大商人聽到想了想便問:“有小靈石你確定能騙過我?”。阿古頓巴答道:“當然。”

ཚོང་པ་ཆེན་པོས་ཨ་ཁུ་སྟོན་པར་རང་གི་རྟ་ཞོན་ནས་ཆུའི་ཕར་ངོགས་སུ་རྡོ་བུ་ལན་དུ་མངག

大商人便讓阿古頓巴騎上自己的馬去河對岸取小靈石。

ཨ་ཁུ་སྟོན་པས་རྟ་ཞོན་ནས་ཆུ་དཀྱིལ་དུ་སླེབས་དུས་རྟའི་མཐུར་ཐག་ལ་འཇུ་ནས་རྟ་ཆུ་བརྒལ་མི་མོས་ཚུལ་ཞིག་འཁྲབ་སྟེ་ཚོང་པར། ཨ། ཁྱོད་ཀྱི་རྟ་འདི་དངོས་གནས་ཡ་མཚན་པོ་ཞིག་རེད། རྟ་སྒ་མེད་པས་ཨེ་ཡིན། ཆུ་བརྒལ་འདོད་ཡོད་མི་འདུག་ཅེས་བཤད།

阿古頓巴騎上馬快走到橋中間時勒住馬的韁繩裝作馬不肯過河,

對商人說:“您這馬真怪,可能是沒有馬鞍的原因,不肯過河。”

དེས་ན་ཁྱོད་ཕྱིར་ཡོང་ནས་རྟ་སྒ་རྒྱོབས།

“那你回來給馬備上吧。”

རྟ་སྒ་བརྒྱབས་ཏེ་ཕྱིར་ཆུ་དཀྱིལ་དུ་སླེབས་དུས། ཨ་ཁུ་སྟོན་པས་ཡང་མཐུར་ཐག་ལ་འཇུ་ནས་ཚོང་པར། རྟ་འདི་ད་དུང་འགྲོ་མོས་མི་འདུག ངས་རྒྱབ་ལ་མདེའུ་བོའུ་མཚོན་ཆ་མེད་པས་ཨེ་ཡིན། ཞེས་བཤད།

等備上馬鞍回到河中間時,阿古頓巴勒住韁繩又對商人說:“唉,這馬還是不肯過河,是不是我身上沒有背槍挎刀的原因啊?”

ཚོང་པས་གོ་རྗེས་རྫུན་ཨེ་ཡིན་གྱི་དོགས་པ་ཡོད་ཀྱང་། ཁོས་ཨ་ཁུ་སྟོན་པར་དངོས་གནས་ཀུན་མཁྱེན་ཀྱི་རྡོ་བུ་ཞིག་ཡོད་རྒྱུ་ལའང་ཡིད་ཆེས། ཅིའི་ཕྱིར་ཞེ་ན་ཨ་ཁུ་སྟོན་པ་དེ་འདྲ་སྤྱང་གྲུང་ལྡན་པས་སོ།། དེ་བས་དོགས་ཚོམ་ཡུན་རིང་བྱས་ནས་མཐར་ཨ་ཁུ་སྟོན་པར་རང་གིས་བོའུ་དང་གྲི་ཁུར་ནས་གཏོང་།

商人聽到後雖然感覺這可能是騙術,但他又想著阿古頓巴可能真的有靈石,不然怎麼會這麼聰明。便猶豫不決地讓阿古頓巴帶上自己的槍和刀過河去了。

ཨ་ཁུ་སྟོན་པས་རྟ་ཞོན་ནས་ཆུའི་དཀྱིལ་དུ་ཡོང་མ་ཐག་རྟ་ལ་སྐད་ཅོར་ཆེན་པོ་ཞིག་རྒྱག་སྟེ་ཆུའི་ཕར་ངོགས་སུ་སླེབས། ཚོང་པར་དཀའ་དྲིན་ཞིག་ཞུ་རྗེས་མྱུར་དུ་རྟ་ཞོན་ནས་བྲོས་སོང་། དུས་འདིར་སླེབས་དུས་ཚོང་པས་ད་གཟོད་རང་གིས་དགྲ་ཡར་སྣང་ཆུང་བྱེད་པ་ལ་འགྱོད་པ་གྲངས་མེད་སྐྱེ།

阿古頓巴騎馬走到河中間對著馬兒大喊一聲,然後騎馬一躍上了岸,對商人說了聲感謝,一溜煙騎馬跑了。到這時無奈的商人才發現太輕敵了。

責編:馬強 編輯:宋佳玲